《林芝市家庭旅馆管理办法(试行)》
«ཉིང་ཁྲི་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་དོ་དམ་བྱ་ཐབས»(ཚོད་ལྟའི་ལག་བསྟར)
第一章 总 则
ལེའུ་དང་པོ། སྤྱིའི་རྩ་དོན།
第一条 为进一步推动林芝市世界级生态文化旅游目的地建设,推进林芝旅游高质量发展,鼓励当地农牧民群众参与家庭旅馆经营和服务,促进家庭旅馆经营和服务标准化、规范化,保障旅游者和经营者的合法权益,根据《西藏自治区旅游条例》和有关法律法规规定,参照《旅游民宿基本要求与等级划分》(GB/T41648-2022)和《西藏自治区家庭旅馆等级评定办法》制定本办法。
དོན་ཚན་དང་པོ། ཉིང་ཁྲི་གྲོང་ཁྱེར་གྱི་འཛམ་གླིང་རིམ་པའི་སྣོད་བཅུད་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཉིང་ཁྲིའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བཞིན་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དང་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དང་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུན་འདེད། ཡུལ་སྐོར་བ་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་ཚད་ལྡན་ཅན་དུ་འགན་སྲུང་བཅས་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག་》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། 《ཡུལ་སྐོར་བའི་གཞི་རྩའི་བླང་བྱ་དང་རིམ་པ་དབྱེ་ཚུལ་》(GB/T41648-2022)དང་《བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་རིམ་པ་དཔྱད་བསྡུར་གཏན་འབེབས་》གཞིར་བཟུང་བྱ་ཐབས་འདི་བཟོས་པ་ཡིན།
第二条 本办法所称的家庭旅馆是指在林芝市辖区内,由当地农牧民群众利用合法拥有的住宅闲置部分,进行自主经营且参与接待的(外包及承包除外),为游客提供体验当地自然景观、特色文化与生产生活方式的小型住宿设施。
དོན་ཚན་གཉིས་པ། བྱ་ཐབས་འདིའི་ནང་བཤད་པའི་ཁྱིམ་ཚང་མགྲོན་ཁང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྲིམས་མཐུན་ངང་སྡོད་ཁང་བེད་མེད་དུ་བཞག་པའི་ཆ་ཤས་སྤྱད་དེ་རང་བརྟེན་གཉེར་སྐྱོང་བྱེད་པ་དང་སྣེ་ལེན་ནང་ཞུགས་པའི་འགན་གཙང་སྤྲོད་པ། འགན་གཙང་ལེན་པ་ཕུད་ཡུལ་སྐོར་བར་ཉམས་ལེན་བྱེད་པ་དང་། ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་དང་། ཁྱད་ལྡན་རིག་གནས། ཐོན་སྐྱེད་དང་འཚོ་བ་སྐྱེད་སྟངས་བཅས་ཉམས་སུ་མྱོང་བྱེད་ཀྱི་སྡོད་ཁང་ཆུང་གྲས་ཀྱི་སྒྲིག་བཀོད་འདོན་སྤྲོད་བྱ་ཆེད་ཡིན།
第三条 本市区域内经营的家庭旅馆适用本办法。
དོན་ཚན་གསུམ་པ། གྲོང་ཁྱེར་འདིའི་ས་ཁོངས་སུ་གཉེར་སྐྱོང་བྱེད་པའི་ཁྱིམ་ཚང་མགྲོན་ཁང་ལ་བྱེད་ཐབས་འདིས་འཐུས།
第四条 家庭旅馆应当遵循规范有序、突出特色、接受监管、行业自律、品质保障的原则。
དོན་ཚན་བཞི་པ། ཁྱིམ་ཚང་མགྲོན་ཁང་གིས་ཚད་ལྡན་གོ་རིམ་ལྡན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། ལྟ་སྐུལ་དོ་དམ་དང་ལེན། ལས་རིགས་ལུགས་དང་མཐུན་པ། སྤུས་ཚད་འགན་ལེན་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།
第五条 文化和旅游、发改、市场监管、公安、消防、应急管理等相关部门按各自职责,协同做好家庭旅馆的监督管理工作。
དོན་ཚན་ལྔ་པ། རིག་གནས་དང་ཡུལ་སྐོར་། འཕེལ་སྒྱུར། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་བདེ་ཅུད། མེ་ཟོན་རུ་ཁག འཕྲལ་སྡོམ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་ཁྱིམ་ཚང་མགྲོན་ཁང་གི་ལྟ་སྐུལ་དོ་དམ་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
第二章 基本要求
ལེའུ་གཉིས་པ། གཞི་རྩའི་བླང་བྱ།
第六条 开办家庭旅馆须满足以下基本要求
(一)须符合相关法律法规的有关规定和林芝市、所属县(区、市)相关规划要求;
(二)建筑物牢固安全,房屋产权明晰,使用权属合法;
(三)营业楼层在三层(含三层)以下,建筑面积不超过600㎡,房间数应控制在5间-15间,床位数应控制在10张-30张;
(四)具有独特的民族文化特色,体现林芝民俗特点;
(五)有餐厅、停车场、卫生间、洗澡间等相应配套设施;
(六)服务接待人员有一定的文化素养,定期参加相关部门举办的服务类培训;
(七)产品销售应明码标价。
དོན་ཚན་དྲུག་པ། ཁྱིམ་ཚང་མགྲོན་ཁང་འཛུགས་གཉེར་བྱེད་པར་གཤམ་གསལ་གྱི་གཞི་རྩའི་བླང་བྱ་དང་མཐུན་དགོས།
(༡)འབྲེལ་ཡོད་བཅའ་ཁྲིམས། ཁྲིམས་སྲོལ། གཏན་འབེབས་དང་ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཆུད། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འཆར་འགོད་བླང་བྱ་དང་འཚམ་པ།
(༢)བཟོ་བཀོད་བདེ་འཇགས་དང་ཉེན་ཁ་མེད་པ། ཁང་པའི་བདག་དབང་ཁ་གསལ་བ། བཀོལ་སྤྱོད་ཀྱི་དབང་ཆ་ཁྲིམས་དང་མཐུན་པ།
(༣)ཚོང་གཉེར་ཐོག་ཁང་གསུམ་ཐོག་གམ་ཡང་ན་གསུམ་ཐོག་མན་ཆད། བཟོ་བཀོད་རྒྱ་ཁྱོན་རྨིད་༦༠༠ལས་འགལ་མེད་པ། ཁང་མིག་༥ནས་༡༥བར་ཚོད་འཛིན་པ། ཉལ་ཁྲི་ཁ་གྲངས་༡༠ནས་༣༠བར་ཚོད་འཛིན་བཅས་བྱེད་དགོས།
)༤)ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་དང་ཉིང་ཁྲིའི་དམངས་སྲོལ་གྱི་ཁྱད་ཆོས་ལྡན་དགོས།
(༥)ཟ་ཁང་དང་། རླངས་འཁོར་འཇོག་ས། གསང་སྤྱོད། གཟུགས་པོ་འཁྲུ་ས་སོགས་ཡོད་པ།
(༦)ཞབས་ཞུའི་སྣེ་ལེན་མི་སྣར་རིག་གནས་བྱང་ཚད་ངེས་ཅན་ལྡན་དགོས་པ་དང་དུས་བཀག་ལྟར་འབྲེལ་ཡོད་སྡེ་ཚན་གྱིས་གཉེར་བའི་ཞབས་ཞུའི་རིགས་ཀྱི་གསོ་སྤྱོང་ནང་ཞུགས་དགོས།
(༧)ཐོན་རྫས་ཕྱིར་འཚོང་རིན་གོང་གསལ་པོར་འགོད་དགོས།
第七条 以下情形不得开办家庭旅馆
(一)违章或临时搭建的建筑;
(二)住宅单元楼;
(三)地下室或半地下室;
(四)涉及文物保护的建筑;
(五)有安全隐患和环境破坏的建筑;
(六)法律法规禁止的其他建筑。
དོན་ཚན་བདུན་པ། གཤམ་གྱི་གནས་ཚུལ་འོག་ཏུ་ཁྱིམ་ཚང་མགྲོན་ཁང་འཛུགས་མི་ཆོག
(༡)སྒྲིག་འགལ་དང་གནས་སྐབས་བསྐྲུན་པའི་བཟོ་བཀོད།
) ༢)ཐེམ་ཚན་སྡོད་ཁང་།
(༣)ས་འོག་ཁང་པའམ་ཕྱེད་ས་འོག་ཏུ་གནས་པའི་ཁང་པ།
(༤)རིགས་གནས་གནའ་ཤུལ་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་བཟོ་བཀོད།
(༥)བདེ་འཇགས་ཐད་ཉེན་ཁ་ཡོད་པ་དང་ཁོར་ཡུག་གཏོར་བཤིག་གཏོང་བའི་བཟོ་བཀོད།
(༦)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་བཟོ་བཀོད་གཞན་དག
第八条 其他条件
开办家庭旅馆应符合市场监管、消防、卫健、公安、税务等相关法律法规要求,从业人员应按照岗位要求持证上岗。
དོན་ཚན་བརྒྱད་པ། ཆ་རྐྱེན་གཞན་དག
ཁྱིམ་ཚང་མགྲོན་ཁང་གཉེར་བར་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། མེ་ཟོན། འཕྲོད་བསྟེན་བདེ་ཐང་། སྤྱི་བདེ། ཁྲལ་དོན་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དང་མཐུན་དགོས་པ་དང་ལས་ཞུགས་མི་སྣས་ལས་གནས་ཀྱི་བླང་བྱ་གཞིར་བཟུང་ལག་ཁྱེར་འཁྱེར་ནས་ལས་ཞུགས་བྱེད་དགོས།
第三章 申报登记与等级评定
ལེའུ་གསུམ་པ། སྙན་ཞུ་ཐོ་འགོད་དང་རིམ་པ་དཔྱད་བསྡུར་གྱི་གཏན་འབེབས།
第九条 申报登记
(一)开办家庭旅馆的当地农牧民向所在乡(镇)人民政府提出书面申请并报属地文化和旅游主管部门,由属地文化和旅游主管部门根据《林芝市家庭旅馆准入报告书》进行审核备案,并及时书面告知是否达到开办条件;
(二)属地文化和旅游主管部门对新开办的家庭旅馆设立台账,并在7个工作日内报市文化和旅游主管部门备案。同时,家庭旅馆经营者需向属地县(区、市)派出所报备申请安装治安管理系统;
(三)家庭旅馆经营者应当对其提供的登记事项或材料的真实性负责,不得隐瞒真实情况或者提交虚假材料;
(四)家庭旅馆停业或变更名称、法人、经营范围、经营地点的,应当在十五日内向属地文化和旅游主管部门备案。
དོན་ཚན་དགུ་པ། སྙན་ཞུ་ཐོ་འགོད།
(༡)ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ས་གནས་དེ་གའི་ཞིང་འབྲོག་པས་རང་གནས་སའི་ཤང་གྲོང་རྡལ་ལམ་སྲིད་གཞུང་ལ་ཡིག་ཐོག་ནས་རེ་ཞུ་བྱེད་དགོས་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས། ཁོངས་གཏོགས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གཙོ་འགན་སྡེ་ཚན་གྱིས་ཉིང་ཁྲི་གྲོང་ཁྱེར་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་ཆོག་པའི་སྙན་ཞུ་གཞིར་བཟུང་ཞིབ་བཤེར་ཐོ་འགོད་བྱེད་དགོས་པ་དང་དུས་ཐོག་ཏུ་ཡིག་ཐོག་ནས་གསར་སྒྲུབ་ཆ་རྐྱེན་ལོན་མེད་བརྡ་ཐོ་གཏོང་དགོས།
(༢)ཁོངས་གཏོགས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གཙོ་འགན་སྡེ་ཚན་གྱིས་གསར་དུ་བཙུགས་པའི་ཁྱིམ་ཚང་མགྲོན་ཁང་ལ་རྩིས་ཁྲ་བཟོ་བ་དགོས་པ་དང་ལས་ཞག་༧ནང་ཚུན་རིག་གནས་དང་ཡུལ་སྐོར་གཙོ་འགན་སྡེ་ཚན་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། དེ་དང་ཆབས་ཅིག་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་གྱིས་ས་ཁུལ་གྱི་རྫོང་དང་(ཆུད། གྲོང་ཁྱེར་)བཅས་ཀྱི་མངགས་གཏོང་ཁང་ལ་བདེ་འཇགས་དོ་དམ་མ་ལག་སྒྲིག་སྦྱོར་བྱ་རྒྱུའི་རེ་ཞུ་བྱེད་དགོས།
(༣)ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་གྱིས་རང་གིས་མཁོ་འདོན་བྱས་པའི་ཐོ་འགོད་དོན་ཚན་ནམ་ཡང་ན་དཔྱད་གཞིའི་ཡིག་རིགས་དྲང་བདེན་ཡིན་མིན་ལ་འགན་འཁུར་དགོས་པ་ལས་གནས་ཚུལ་ངོ་མ་སྦས་གསང་ངམ་ཡང་ན་དཔྱད་གཞིའི་ཡིག་རིགས་རྫུན་མ་སྤྲོད་མི་ཆོག
(༤)ཁྱིམ་ཚང་མགྲོན་ཁང་ལས་མཚམས་འཇོག་པའམ་ཡང་ན་མིང་དང་། ཁྲིམས་མི། གཉེར་སྐྱོང་ཁྱབ་ཁོངས། གཉེར་སྐྱོང་བྱེད་ས་བཅས་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་ཉིན་༡༥ནང་ཁོངས་གཏོགས་ས་ཆའི་རིག་གནས་དང་ཡུལ་སྐོར་གཙོ་འགན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས།
第十条 等级评定
(一)家庭旅馆等级评定由高到低划分为三星级、二星级、一星级,家庭旅馆经营满一年后可向属地文化和旅游主管部门申报等级评定。市级文化和旅游主管部门对达到等级评定标准的家庭旅馆进行公示;
(二)属地文化和旅游主管部门负责二星级、一星级家庭旅馆等级评定工作,并向市级文化和旅游主管部门备案;
(三)申请评定三星级家庭旅馆的,由属地文化和旅游主管部门进行初评后,报请市级文化和旅游主管部门进行终评。
དོན་ཚན་བཅུ་པ། རིམ་པ་དཔྱད་བསྡུར་གཏན་འབེབས།
(༡)ཁྱིམ་ཚང་མགྲོན་ཁང་གི་རིམ་པ་དེ་མཐོ་བ་ནས་དམའ་བ་བར་ཏེ་སྐར་གསུམ་རིམ་པ་དང་། སྐར་གཉིས་རིམ་པ། སྐར་གཅིག་རིམ་པ་བཅས་སུ་དབྱེ་ཡོད་། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་ནས་ལོ་༡སོང་རྗེས་ཁོངས་གཏོགས་ས་ཆའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་རིམ་པ་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་རེ་ཞུ་བྱེད་ཆོག
གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་ལོན་པའི་ཁྱིམ་ཚང་མགྲོན་ཁང་ཡོངས་བསྒྲགས་བྱེད་དགོས།
(༢)ཁོངས་གཏོགས་ས་ཆའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་སྐར་གཉིས་རིམ་པ། སྐར་གཅིག་རིམ་པའི་ཁྱིམ་ཚང་མགྲོན་ཁང་རིམ་པ་དཔྱད་བསྡུར་གཏན་འབེབས་ཀྱི་ལས་དོན་འགན་འཁུར་བ་དང་འབྲེལ་གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ཐོ་འགོད་སྙན་སེང་ཞུ་དགོས།
(༣)སྐར་གསུམ་རིམ་པའི་ཁྱིམ་ཚང་མགྲོན་ཁང་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་རེ་ཞུ་བྱེད་པར་ཁོངས་གཏོགས་ས་ཆའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཐོག་མའི་དཔྱད་བསྡུར་གཏན་འབེབས་བྱས་རྗེས་གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་མཐའ་མའི་དཔྱད་བསྡུར་གཏན་འབེབས་བྱ་དགོས།
第四章 服务规范与职责
ལེའུ་བཞི་པ། ཞབས་ཞུའི་ཁྱབ་ཁོངས་དང་འགན་འཁྲི།
第十一条 服务规范
(一)将市级文化和旅游主管部门统一制作的家庭旅馆标识标牌置于经营场所醒目位置,便于旅游者识别和有关部门的监督检查;同时将房间价格、住宿须知及紧急避难逃生位置图置于客房明显位置;
(二)客房床单、被套、枕套、毛巾等应做到每客必换,客人有更换要求的及时更换;茶具、脸盆和坐便器等一日一消毒,提供相应客房服务;
(三)提供方便使用的卫生间,二十四小时供应冷热水;
(四)有满足游客需求、方便使用的餐饮区,能够提供当地特色饮食,就餐区域应设置节约粮食等标语;
(五)客房应配备水壶、茶杯,有方便使用的电源开关和插座;
(六)按月向属地文化和旅游主管部门如实报备客房入住率、住宿人数、经营收入等情况。
དོན་ཚན་བཅུ་གཅིག་པ། ཞབས་ཞུའི་ཁྱབ་ཁོངས།
(༡)གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གཅིག་གྱུར་ཐོག་བཟོས་པའི་ཁྱིམ་ཚང་མགྲོན་ཁང་གི་མཚོན་རྟགས་དང་བྱང་བུ་དེ་གཉེར་སྐྱོང་བྱ་ཡུལ་གྱི་མངོན་གསལ་དོད་སར་འཇོག་དགོས། དེ་ནི་ཡུལ་སྐོར་བས་དབྱེ་འབྱེད་ངོས་འཛིན་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་བདེ་ཆེད་དུ་ཡིན། དུས་ཚུངས་ཁང་པའི་རིན་གོང་དང་ཞག་སྡོད་ཤེས་བྱ་དང་ཛ་དྲག་ཉེན་གཡོལ་ཀྱི་རིས་གནས་མགྲོན་ཁང་གི་མཐོང་བདེ་བའི་ས་ཆར་འཇོག་དགོས།
(༢)མགྲོན་ཁང་གི་ཁ་གདན་དང་། ཉལ་ཆས། སྔས་ཤུབས། ཨ་ཅོར་སོགས་ངེས་པར་དུ་གཙང་མ་བརྗེ་དགོས་པ་དང་།མགྲོན་པོས་བརྗེ་རྒྱུའི་རེ་བ་བཏོན་ཚེ་དུས་ཐོག་ཏུ་བརྗེ་དགོས། མགྲོན་ཁང་གི་ཇ་སྣོད་དང་ཆབ་ཏོག་སོགས་ཉིན་རེར་དུག་སེལ་བྱེད་དགོས་ལ་དེ་མཚུངས་ཀྱི་མགྲོན་ཁང་ཞབས་ཞུ་མཁོ་འདོན་བྱེད་དགོས།
(༣)སྤྱོད་གོ་ཆོད་པའི་གསང་སྤྱོད་ལ་ཆུ་ཚོད་༢༤ཆུ་ཚ་པོ་དང་གྲང་མོ་མཁོ་འདོན་བྱེད་དགོས།
(༤)ཡུལ་སྐོར་བའི་དགོས་མཁོ་སྐོང་བ་དང་སྟབས་བདེའི་བཟའ་བཏུང་ཁུལ་དང་། ས་གནས་དེ་གའི་ཁྱད་ལྡན་བཟའ་བཏུང་མཁོ་འདོན་ས་ཁོངས་ཀྱི་སྒྲིག་བཀོད་ནང་འབྲུ་རིགས་གྲོན་ཆུང་བྱེད་དགོས་པའི་དྲན་སྐུལ་སྦྱར་ཡིག་ཡོད་དགོས།
(༥)མགྲོན་ཁང་དུ་ཇ་དམ་དང་ཇ་ཕོར་བཀོད་སྒྲིག་བྱེད་དགོས་ལ་སྤྱོད་སྒོ་ཆེ་བའི་གློག་ཁུངས་བསད་སྤར་དང་བསྒར་ཁུང་ཡོད་དགོས།
(༦)ཟླ་རེ་བཞིན་ཁོངས་གཏོགས་ས་ཁུལ་དུ་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་མགྲོན་ཁང་དུ་ཞག་སྡོད་དང་། ཞག་སྡོད་ཉིན་གྲངས། གཉེར་སྐྱོང་ཡོང་འབབ་སོགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།
第十二条 消防安全职责
(一)按国家标准、行业标准配置消防设施、器材,设置消防安全标志,并定期检验、维修,确保完好有效;
(二)保障疏散通道、安全出口、消防通道畅通,保证防火防烟分区、防火间距符合消防相应要求;
(三)定期进行防火检查,及时消除火灾隐患;
(四)易发生危险的区域和设施应设置安全警示标志,易燃、易爆物品的储存和管理应采取必要的防护措施,符合相关法律法规;
(五)法律法规规定的其他消防安全职责。
དོན་ཚན་བཅུ་གཉིས་པ། མེ་གསོད་མེ་འགོག་གི་བདེ་སྲུང་འགན་འཁྲི།
(༡)རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་མེ་གསོད་མེ་འགོག་གི་སྒྲིག་བཀོད་དང་ཡོ་བྱད་སྒྲིག་སྦྱོར་བྱས་ནས་མེ་གསོད་མེ་འགོག་གི་བདེ་སྲུང་མཚོན་རྟགས་སྒྲིག་སྦྱོར་བྱ་དགོས་པ་མ་ཟད་དུས་བཀག་ལྟར་ཞིབ་བཤེར་དང་བདག་གཅེས་ཉམས་གསོ་བྱས་ཏེ་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།
(༢)མི་སོགས་ཁ་འགྲེམས་སའི་བགྲོད་ལམ་དང་། ཉེན་མེད་ཐོན་སྒོ། མེ་གསོད་བགྲོད་ལམ་བཅས་ཤར་སྐྱོད་ཐུབ་པའི་འགན་སྲུང་བྱ་རྒྱུ་དང་། མེ་སྐྱོན་དང་དུ་སྐྱོན་འགོག་ཁུལ་གྱི་མེ་འགོག་བར་ཐག་དེ་བྱ་རྒྱུའི་དགོས་མཁོ་དང་མཐུན་པའི་འགན་སྲུང་བྱ་དགོས།
(༣)དུས་བཀག་ལྟར་མེ་འགོག་ཞིབ་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས།
ཉེན་ཁ་འབྱུང་སླ་བའི་ས་ཁོངས་དང་སྒྲིག་བཀོད་ལ་བདེ་འཇགས་ཉེན་བརྡའི་མཚོན་རྟགས་འཛུགས་དགོས། འབར་སླ་བ་དང་གས་སླ་བའི་དངོས་རྫས་གསོག་ཉར་དང་དོ་དམ་བྱེད་པར་དགོས་ངེས་ཀྱི་འགོག་སྲུང་བྱེད་ཐབས་སྤྱོད་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་དགོས།
(༤)བཅའ་ཁྲིམསདང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་མེ་གསོད་མེ་འགོག་གི་བདེ་སྲུང་འགན་འཁྲི་གཞན་དག་བཅས་སོ།
第十三条 治安管理职责
(一)发现各类违法活动时,应立即制止并报告公安机关,配合公安机关查处刑事、治安案件和处置自然灾害事故;
(二)使用治安管理信息系统或手机APP、小程序、二维码等方式,落实“四实”(实名、实数、实时、实情)实名制登记、访客登记、接待未成年人入住“五必须”要求等治安管理制度。未经林芝市出入境管理部门许可,不得接待外宾、台湾同胞;
(三)在前台、房间、通道等区域的醒目位置张贴或摆放禁止“黄、赌、毒”宣传标语。严禁卖淫、嫖娼、赌博、吸毒、寻衅滋事、传播淫秽物品等违法犯罪活动;
(四)禁止将易燃、易爆、剧毒、腐蚀性和放射性等危险物品带入旅馆;
(五)禁止安装或使用侵犯旅游者隐私的相关设备。
དོན་ཚན་བཅུ་གསུམ་པ། བདེ་འཇགས་དོ་དམ་གྱི་འགན་འཁྲི།
(༡)ཁྲིམས་འགལ་བྱེད་སྒོ་སྣ་ཚོགས་ཤེས་རྟོགས་བྱུང་མ་ཐག་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ནས་སྤྱི་བདེ་ལས་ཁུངས་ལ་ཉེས་དོན་དང་བདེ་འཇགས་གྱོད་གཞི་ཞིབ་བཉེར་ཐག་གཅོད་དང་རང་བྱུང་གནོད་འཚེའི་ལས་འཛོལ་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱེད་དགོས།
(༢)བདེ་འཇགས་དོ་དམ་གྱི་ཆ་འཕྲིན་མ་ལག་གམ་ཡང་ན་ལག་ཐོགས་ཁ་པར་གྱི་APPདང་འཕྲིན་ཕྲན་གྱི་བྱ་རིམ་ཆུང་གྲས། རྩ་གཉིས་ཨང་རྟགས་སོགས་སྤྱད་དེ་། བདེན་པ་བཞི་སྟེ་ (མིང་ངོ་མ་དང་། གྲངས་ངོ་མ། དུས་ཚོད་ངོ་མ། དོན་དག་ངོ་མ་)བཅས་ཀྱི་མིང་ངོ་མ་འགོད་པའི་ལམ་ལུགས་ཐོ་འགོད་དང་། ནར་མ་སོན་པའི་མི་ལ་སྣེ་ལེན་གནས་སྡོད་བྱེད་སྐབས་ངེས་པར་དུ་ཚང་དགོས་པའི་བླང་བྱ་སོགས་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་ཕྱི་རྒྱལ་སྐུ་མགྲོན་དང་ཐའེ་དབན་སྤུན་ཟླ་ལ་སྣེ་ལེན་ཞུ་མི་ཆོག
(༣)མདུན་སྟེགས་དང་། ཁང་པ། བགྲོད་ལམ་སོགས་ས་ཁོངས་དུ་མངོན་གསལ་དོད་པའི་སར་ཆགས་སྲེད་དང་། རྒྱན་འཛུགས། དུག་བཅས་གཏན་འགོག་གི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་དགོས། སྨད་འཚོང་བ་དང་། འཆལ་པོ་རྒྱུག་པ། རྒྱན་འཛུགས། དུག་འཐེན་པ། བརྙད་རྐོ་ཟིང་སློང་། འདོད་ལོག་ཆགས་སྲེད་ཀྱི་དངོས་རྫས་ཁྱབ་སྤེལ་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་གཏན་འགོག་བྱ་དགོས།
(༤)འབར་སླ་བ་དང་། གས་སླ་བ། དུག་ཤེད་ཆེ་བ། རུལ་བསླད་རང་བཞིན། འགྱེད་འཕྲོ་རང་བཞིན་སོགས་ཀྱི་དངོས་རྫས་ཉེན་ཁ་ཅན་མགྲོན་ཁང་དུ་འཁྱེར་མི་ཆོག
(༥)ཡུལ་སྐོར་བའི་གསང་དོན་ལ་གནོད་འཚེ་གཏོང་བའི་འབྲེལ་ཡོད་གློག་མིག་རིགས་སྒྲིག་སྦྱོར་བྱས་མི་ཆོག
第十四条 环境保护职责
(一)禁止以国家保护野生动物、植物为食品原材料,鼓励使用清洁能源,注重环境资源保护;
(二)垃圾、污水、油烟等处理和排放标准应当符合国家、自治区、林芝市相关规定;
(三)经营活动场所不得破坏和污染周围自然生态环境;位于自然保护地等环境敏感区内的家庭旅馆应严格遵守环境保护相关要求。
དོན་ཚན་བཅུ་བཞི་པ། ཁོར་ཡུག་སྲུང་སྐྱོབ་འགན་འཁྲི།
(༡)རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རྩི་ཤིང་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆར་རྩིས་མ་ཆོག་ལ་ནུས་ཁུངས་གཙང་མ་སྤྱོད་པར་བསྔགས་སྐུལ་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱ་དགོས།
(༢)གད་སྙིགས་དང་། བཙོག་ཆུ། རྡོ་ཐ་སོགས་གཙང་སེལ་དང་འབུད་གཏོང་བྱེད་རྒྱུའི་ཚད་གཞི་དེ་ངེས་པར་དུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པ་བྱེད་དགོས།
(༣)གཉེར་སྐྱོང་བྱེད་སྒོ་སྤེལ་ཡུལ་གྱིས་ཉེ་འཁོར་གྱི་རང་བྱུང་སྣོད་བཅུད་ཁོར་ཡུག་ལ་དཏོར་བཤིག་དང་།སྦགས་བཙོག་བཟོ་མི་ཆོག རང་བྱུང་སྲུང་སྐྱོང་ཁུལ་སོགས་ཁོར་ཡུག་གི་ཚོར་རྐྱེན་ཁུལ་དུ་གནས་པའི་ཁྱིམ་ཚང་མགྲོན་ཁང་གིས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱར་བརྩི་སྲུང་ནན་པོ་ཞུ་དགོས།
第十五条 卫生安全职责
(一)保持场所环境整洁及卫生,设置防鼠、防蚊、防蝇及防潮防尘等设施;
(二)场所内不得有病媒生物孳生源,定期进行病媒生物防治;
(三)场所内应设有与经营规模相适应的废弃物收集容器;
(四)场所空气、噪声、采光、照明等环境卫生符合国家、自治区和林芝市住宿场所有关卫生标准和要求;
(五)设有与经营规模相适应的消毒保洁设施,供游客使用的公共用品用具应分类存放。
དོན་ཚན་བཅུ་ལྔ་པ། འཕྲོད་བརྟེན་བདེ་འཇགས་ཀྱི་འགན་འཁྲི།
(༡)ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་དང་། འཕྲོད་བསྟེན་སྒྲིག་བཀོད་ཐད་བྱི་འགོག་དང་། དུག་སྦྲང་འགོག་པ། སྦྲང་ནག་འགོག་པ། དེ་བཞིན་བརླན་རྡུལ་འགོག་པ་སོགས་ཀྱི་སྒྲིག་བཀོད་འཛུགས་དགོས།
(༢)ལས་ཡུལ་ནང་དུ་ནད་སྦྱོར་སྐྱེ་དངོས་ཀྱི་འབྱུང་ཁུངས་ཡོད་མི་ཆོག་པ་དང་དུས་བཀག་ལྟར་ནད་སྦྱོར་སྐྱེ་དངོས་འགོག་བཅོས་གོས་བྱ་དགོས།
(༣)ལས་ཡུལ་ནང་དུ་གཉེར་སྐྱོང་གཞི་ཁྱོན་དང་འཚམ་པའི་བེད་སྤྱོད་མེད་པའི་ཟོག་རོ་བསྡུ་སྣོད་འཛུགས་དགོས།
(༤)ལས་ཡུལ་གྱི་མཁའ་རླུང་དང་། འཛེར་སྒྲ། འོད་ལེན། གློག་སྒྲོན་སོགས་ཁོར་ཡུག་འཕྲོད་བསྟེན་དེ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་ཞག་སྡོད་བྱེད་སའི་འབྲེལ་ཡོད་འཕྲོད་བསྟེན་ཚད་གཞི་བླང་བྱ་དང་མཐུན་པ་བྱེད་དགོས།
(༥)གཉེར་སྐྱོང་གཞི་ཁྱོན་དང་འཚམ་པའི་དུག་སེལ་གཙང་སྦྲའི་སྒྲིག་བཀོད་བཙུགས་ནས་འགྲུལ་པར་སྤྱོད་པའི་སྤྱི་སྤྱོད་མཁོ་ཆས་རིགས་དབྱེ་ནས་འཇོག་དགོས།
第十六条 食品安全职责
(一)食品来源、加工、销售应符合相关食品安全国家标准要求;
(二)厨房应有消毒设施,并定期有效使用;
(三)厨房应有流动水清洗水池;
(四)农药、鼠药等有毒、有害物品应当远离厨房,妥善管理;
(五)不采购变质或过期食品,谨慎提供食用菌类。
དོན་ཚན་བཅུ་དྲུག་པ། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི།
ནུས་ཁུངས་ལས་སྣོན་དང་ཕྱི་འཚོང་བྱེད་པར་ཟས་རིགས་གནོད་མེད་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་དང་མཐུན་དགོས།
(༢)ཐབ་ཚང་ནང་དུག་སེལ་སྒྲིག་ཆས་ཡོད་དགོས་པ་མ་ཟད་དུས་བཀག་ལྟར་ནུས་ལྡན་བེད་སྤྱོད་དགོས།
(༣)ཐབ་ཚང་ནང་རྒྱུག་ཆུ་གཙང་འཁྲུད་རྫིང་བུ་ཡོད་དགོས།
(༤)ཞིང་སྨན་དང་བྱི་སྨན་སོགས་དུག་གནོད་ཡོད་པའིདངོས་རྫས་རིགས་ཐབ་ཚང་དུ་འཇོག་མི་རུང་ལ་འོས་འཚམ་གྱི་དོ་དམ་བྱེད་དགོས།
(༥)ངོ་བོ་འགྱུར་བའམ་དུས་ཚོད་ཡོལ་བའི་ཟས་རིགས་ཉོ་མི་རུང་ལ་བཟའ་བྱའི་ཤ་མོའི་རིགས་མཁོ་འདོན་བྱེད་པར་གཟབ་ནན་བྱེད་དགོས།
第十七条 其他
(一)发现游客患疾病或发生意外伤害时,应立即协助就医;如有疑似或确认为传染性疾病的,应按卫生部门要求落实预防控制性措施;
(二)家庭旅馆有义务保护游客在店内的人身财产安全。
དོན་ཚན་བཅུ་བདུན་པ། གཞན་དག
(༡)འགྲུལ་པར་ནད་གཞི་ཕོག་པའམ་ཡང་ན་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ་ཤེས་སྐབས་འཕྲལ་མར་སྨན་བཅོས་བྱེད་རོགས་བྱེད་དགོས། གལ་ཏེ་འགོད་ནད་རང་བཞིན་གྱི་ནད་རིགས་ཡིན་པར་དོགས་པའམ་ཡང་ན་ངོས་འཛིན་གཏན་ཁེལ་བྱས་ན་འཕྲོད་བསྟེན་སྡེ་ཁག་གི་བླང་བྱ་ལྟར་སྔོན་འགོག་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་དོན་འཁྱོལ་བྱ་དགོས།
(༢)ཁྱིམ་ཚང་མགྲོན་ཁང་གིས་འགྲུལ་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་།
第五章 监管指导
ལེའུ་ལྔ་པ། ལྟ་སྐུལ་དོ་དམ་མཛུབ་སྟོན།
第十八条 市级文化和旅游主管部门负责监管指导全市家庭旅馆的以下工作,市级相关部门根据职责协同配合做好指导工作
(一)做好家庭旅馆的登记备案管理和数据统计工作;
(二)指导属地文化和旅游主管部门开展家庭旅馆质量等级评定工作,统一制作、颁发星级标识标牌;
(三)建立全市家庭旅馆星级评定标准及服务标准。
དོན་ཚན་བཅུ་བརྒྱད་པ། གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་ལ་གཤམ་གསལ་ལས་དོན་ལ་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་འགན་འཁུར་བྱ་རྒྱུ་དང་། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་མཐུན་སྦྱོར་གཞོགས་འདེགས་ཀྱིས་མཛུབ་ཁྲིད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
(༡)ཁྱིམ་ཚང་མགྲོན་ཁང་གི་ཐོ་འགོད་སྙན་སེང་དོ་དམ་དང་གྲངས་གཞི་བསྡོམས་རྩིས་ལས་དོན་ཡག་པོ་སྒྲུབ་དགོས།
(༢)ཁོངས་གཏོགས་དེའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཁྱིམ་ཚང་མགྲོན་ཁང་གི་སྤུས་ཚད་རིམ་པའི་དཔྱད་བསྡུར་གཏན་འབེབས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་སྐར་མ་རིམ་པའི་མཚོན་རྟགས་བྱང་བུ་གཅིག་གྱུར་བཟོ་དགོས།
(༣)གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་སྐར་མ་རིམ་པའི་དཔྱད་བསྡར་གཏན་འབེབས་ཀྱི་ཚད་གཞི་དང་ཞབས་ཞུའི་ཚད་གཞི་འཛུགས་དགོས།
第十九条 属地文化和旅游主管部门监管指导辖区内家庭旅馆的以下工作,属地相关部门根据职责协同配合做好指导工作
(一)对家庭旅馆的服务质量、竞争手段、服务定价等进行指导,协调处理投诉纠纷,促进家庭旅馆规范经营;加强对家庭旅馆日常运营和安全生产工作的督导检查;
(二)指导家庭旅馆按照行业自律的相关规章制度和经营服务规范,提供相应的便利和服务;
(三)负责属地家庭旅馆的登记备案,鼓励当地农牧民群众参与家庭旅馆的服务与经营;
(四)开展家庭旅馆等级评定和年度复核工作,做好家庭旅馆的宣传推广;
(五)建立家庭旅馆诚信档案并实时公布诚信经营信息,有条件的可在所在乡(镇)、旅游景区设立家庭旅馆接待咨询点,提供家庭旅馆信息查询等服务;
(六)指导家庭旅馆购买公众责任险、火灾险等相关保险,制定安全生产应急预案,加强应急演练和培训,防范经营风险;
(七)制定家庭旅馆的安全管理制度和突发事故应急预案,定期组织家庭旅馆经营者及从业人员开展消防、食品卫生等方面的培训,配合有关部门定期组织对家庭旅馆安全设施进行检查。
དོན་ཚན་བཅུ་དགུ་པ། ཁོངས་གཏོགས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་མགྲོན་ཁང་ལ་གཤམ་གསལ་ལས་དོན་ལ་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་་འགན་འཁུར་བྱ་རྒྱུ་དང་། ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་གཞོགས་འདེགས་ཀྱིས་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་དགོས།
(༡)ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུའི་སྤུས་ཚད་དང་། འགྲན་རྩོད་བྱ་ཐབས། ཞབས་ཞུའི་རིན་གོང་གཏན་འཁེལ་སོགས་ལ་མཛུབ་ཁྲིད་དང་། ཞུ་གཏུག་རྩོད་གཞི་མཐུན་སྦྱོར་ཐག་གཅོད་། ཁྱིམ་ཚང་མགྲོན་ཁང་ཚད་ལྡན་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་མགྲོན་ཁང་གི་རྒྱུན་ལྡན་གཉེར་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
(༢)ཁྱིམ་ཚང་མགྲོན་ཁང་སྒྲིག་སྦྱོར་ལས་རིགས་ཀྱི་ཚུལ་དང་མཐུན་པའི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་དང་གཉེར་སྐྱོང་ཞབས་ཞུའི་ཚད་གཞིར་མཛུབ་ཁྲིད་བྱས་ནས་དེ་མཚུངས་ཀྱི་སྟབས་བདེ་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
(༣)ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་མགྲོན་ཁང་ཐོ་འགོད་སྙན་སེང་ཞུ་བའི་འགན་འཁུར་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུ་དང་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས།
(༤)ཁྱིམ་ཚང་མགྲོན་ཁང་གི་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་དང་ལོ་འཁོར་གྱི་བསྐྱར་ཞིབ་ལས་དོན་སྤེལ་ནས་ཁྱིམ་ཚང་མགྲོན་ཁང་དྲིལ་བསྒྲགས་ཁྱབ་གདལ་ཡག་པོ་གཏོང་དགོས།
(༥)ཁྱིམ་ཚང་མགྲོན་ཁང་གི་ཁ་དན་ཚིག་གནས་ཀྱི་ཡིག་ཚགས་བཟོ་བ་དང་འབྲེལ་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་ཆ་རྐྱེན་འཛོམས་རིགས་ས་གནས་དེ་གའི་ཤང་དང་གྲོང་རྡལ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཁྱིམ་ཚང་མགྲོན་ཁང་གི་སྣེ་ལེན་བློ་འདྲིའི་ས་ཚིགས་བཙུགས་ནས་ཁྱིམ་ཚང་མགྲོན་ཁང་གི་ཆ་འཕྲིན་འདྲི་རྩད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།
(༦)ཁྱིམ་ཚང་མགྲོན་ཁང་གིས་སྤྱི་དམངས་ཀྱི་འགན་འཁྲིའི་འགན་བཅོལ་དང་། མེ་སྐྱོན་འགན་བཅོལ་སོགས་འབྲེལ་ཡོད་འགན་བཅོལ་ཉོ་རྒྱུར་མཛུབ་ཁྲིད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། ནང་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་ནས་གཉེར་སྐྱོང་གི་ཉེན་ཁར་དོགས་ཟོན་བྱེད་དགོས།
(༧)ཁྱིམ་ཚང་མགྲོན་ཁང་གི་བདེ་འཇགས་དོ་དམ་ལམ་ལུགས་དང་ཕྲལ་ཐོན་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས། དུས་བཀག་ལྟར་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་མཁན་དང་ལས་ཞུགས་མི་སྣ་སྒྲིག་འཛུགས་བྱས་ནས་མེ་ཟོན་དང་བཟའ་བཅའི་འཕྲོད་བསྟེན་སོགས་གསོ་སྦྱོང་བྱ་དགོས། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་དུས་བཀག་ལྟར་ཁྱིམ་ཚང་མགྲོན་ཁང་གི་བདེ་འཇགས་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དགོས།
第二十条 鼓励建立家庭旅馆协会等行业组织,发挥行业自律和服务功能,参与家庭旅馆等级评定与复核,自觉接受文化和旅游主管部门的业务指导。
དོན་ཚན་ཉི་ཤུ་པ། ཁྱིམ་ཚང་མགྲོན་ཁང་མཐུན་ཚོགས་སོགས་ལས་རིགས་རྩ་འཛུགས་བཙུགས་ནས་ལས་རིགས་རང་གཅུན་དང་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་མ་གཏོང་དགོས། ཁྱིམ་ཚང་མགྲོན་ཁང་གི་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་དང་བསྐྱར་ཞིབ་ནང་ཞུགས་ཏེ་རང་འགུལ་ངང་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱི་ལས་དོན་མཛུབ་ཁྲིད་ལ་དང་ལེན་བྱེད་དགོས།
第六章 发展扶持与奖励
ལེའུ་དྲུག་པ། འཕེལ་རྒྱས་རོགས་སྐྱོར་དང་བྱ་དགའ།
第二十一条 将家庭旅馆发展纳入全市经济社会发展、城乡建设、国土空间、乡村振兴、旅游景区等规划,支持利用农村闲置资源发展家庭旅馆,加强“吃、住、行、游、购、娱”一体的家庭旅馆集聚区试点和示范区建设,推动本地特色文化与家庭旅馆深度融合。
དོན་ཚན་ཉེར་གཅིག་པ། ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། རྒྱལ་ཁོངས་བར་སྟོང་། གྲོང་གསེབ་དར་རྒྱས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་འཆར་འགོད་ནང་འཇུག་དགོས། གྲོང་གསེབ་ཀྱི་བེད་སྤྱོད་མེད་པའི་ཐོན་ཁུངས་བེད་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཟས་གོས་སྡོད་གསུམ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཁྱིམ་ཚང་མགྲོན་ཁང་གི་ཚོད་ལྟ་ཁུལ་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་དང་ཁྱིམ་ཚང་མགྲོན་ཁང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
第二十二条 对基础设施提升、品牌宣传推广、服务人员技能培训等进行发展扶持,培育一批精品家庭旅馆。
དོན་ཚན་ཉེར་གཉིས་པ། རྨང་གཞིའི་སྒྲིག་བཀོད་མཐོར་གཏང་ནས་སྤུས་རྟགས་ཅན་དྲིལ་བསྒྲགས་ཁྱབ་གདལ་དང་། ཞབས་ཞུའི་མི་སྣའི་ནུས་རྩལ་གསོ་སྦྱོང་སོགས་ལ་རོགས་སྐྱོར་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་ཁག་གཅིག་གསོ་སྐྱོང་བྱེད་དགོས།
第二十三条 在属地文化和旅游主管部门备案且经营满一年以上的家庭旅馆可申报林芝市家庭旅馆发展扶持奖励政策(以下简称:奖励政策)。
(一)运营奖励。家庭旅馆持续运营8个月以上且年入住率达到60%以上的(入住率根据家庭旅馆实名登记系统内人数进行核准),给予8000元的奖励;
(二)星级奖励。新评定为三星、二星、一星级家庭旅馆的,分别给予10000元、8000元、5000元的奖励;
(三)营销奖励。通过在线旅游平台营销且电商年销售总额达80万元(含)及以上的,给予3万元奖励;电商年销售总额达50万元(含)及以上至80万元以下的,给予2万元奖励;电商年销售总额达20万元及以上至50万元的,给予1.5万元奖励;
(四)年度评选奖励。获评林芝市年度十佳精品特色家庭旅馆的,给予3万元奖励;对获评年度十佳精品特色家庭旅馆且主动发展庭院经济、采摘式经济的,额外给予5000元奖励(由市级文化和旅游主管部门制定评选方案);
(五)由市财政解决林芝市家庭旅馆发展扶持奖励专项资金1000万元;
(六)申报时间为次年9月。属地乡(镇)人民政府对家庭旅馆营业执照、认定文件以及其它所需申报材料进行初审,符合条件的报属地文化和旅游主管部门;属地文化和旅游主管部门审核汇总并上报市级文化和旅游主管部门终审;
(七)存在已停业或被责令关停等终止经营情形的、营业主被列入失信名单的、一年之内被游客投诉经查实为有效投诉的家庭旅馆,当年不得申报本奖励政策;家庭旅馆不得因经营主体的变更重复申报;经营者要对申报材料的真实性、合法性、有效性负责。
དོན་ཚན་ཉེར་གསུམ་པ། ཁོངས་གཏོགས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུས་པ་མ་ཟད་གཉེར་སྐྱོང་བྱས་ནས་ལོ་གཅིག་ཡན་སོང་བའི་ཁྱིམ་ཚང་མགྲོན་ཁང་ལ་ཉིང་ཁྲི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱ་དགའི་སྲིད་ཇུས་(བསྡུས་མིང་ལ་བྱ་དགའི་སྲིད་ཇུས་)ཡིག་ཐོག་སྙན་ཞུ་འབུལ་ཆོག
(༡)གཉེར་སྐྱོང་བྱ་དགའ། ཁྱིམ་ཚང་མགྲོན་ཁང་རྒྱུན་མཐུད་གཉེར་སྐྱོང་ཟླ་བ་༨ཡན་བྱས་པ་མ་ཟད་ལོ་རེར་རྒྱ་ཆ་༦༠ཡན་ཟིན་པར་བྱ་དགའ་སྒོར་༨༠༠༠སྤྲོད་རྒྱུ།
(ཞག་སྡོད་བྱེད་ཚད་ཁྱིམ་ཚང་མགྲོན་ཁང་གི་མིང་ངོ་མ་འགོད་པའི་མ་ལག་ནང་གི་མི་གྲངས་ལ་གཞིགས་ནས་ཞིབ་མཆན་འགོད་རྒྱུ)
(༢)སྐར་མ་རིམ་པའི་བྱ་དགའ། སྐར་གསུམ་དང་། སྐར་གཉིས། སྐར་གཅིག་བཅས་རིམ་པའི་ཁྱིམ་ཚང་མགྲོན་ཁང་དུ་གཏན་འཁེལ་བྱས་པར་སྒོར་༡༠༠༠༠ སྒོར་༨༠༠༠ སྒོར་༥༠༠༠བྱ་དགའ་སྤྲོད་རྒྱུ།
(༣)ཚོང་གཉེར་བྱ་དགའ། དྲ་ཐོག་ཡུལ་སྐོར་ལས་སྟེགས་བརྒྱུད་གཉེར་ཚོང་བྱས་པ་དང་། དྲ་ཐོག་ཚོང་དོན་གྱི་ལོའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་༨༠ཡན་ཟིན་པར་བྱ་དགའ་སྒོར་ཁྲི་༣སྤྲོད་རྒྱུ། དྲ་ཐོག་ཚོང་དོན་གྱི་ལོའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་༥༠ཡན་ཟིན་པ་དང་་ཁྲི་༨༠མན་ཟིན་པར་བྱ་དགའ་སྒོར་ཁྲི་༢སྤྲོད་རྒྱུ། དྲ་ཐོག་ཚོང་དོན་གྱི་ལོའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་༢༠ཡན་ཟིན་པ་དང་་ཁྲི༥༠མན་ཟིན་པར་བྱ་དགའ་སྒོར་ཁྲི་༡·༥སྤྲོད་རྒྱུ།
(༤)ལོ་འཁོར་དཔྱད་འདེམས་བྱ་དགའ། ཉིང་ཁྲི་གྲོང་ཁྱེར་གྱི་ལོ་འཁོར་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་བཅུ་ལ་བྱ་དགའ་སྒོར་ཁྲི་༣སྤྲོད་རྒྱུ། ལོ་འཁོར་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་བཅུར་བདམས་པ་མ་ཟད་རང་འགུལ་ངང་སྒོ་རའི་དཔལ་འབྱོར་དང་མཆོག་མཐུས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བཏང་བར་བྱ་དགའ་སྒོར་༥༠༠༠སྤྲོད་རྒྱུ།
(གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་དཔྱད་འདེམས་འཆར་གཞི་བཟོ་དགོས)
(༥)གྲོང་ཁྱེར་ནོར་སྲིད་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་རོགས་སྐྱོར་བྱ་དགའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་༡༠༠༠ཐག་གཅོད་བྱས་ཡོད།
(༦)ཡིག་ཐོག་སྙན་ཞུ་བྱེ་འབུལ་བའི་དུས་ཚོད་ནི་ཕྱི་ལོའི་ཟླ་བ་དགུ་པར་ཡིན་པ་དང་། ས་ཁོངས་དེའི་ཤང་(གྲོང་རྡལ་)མི་དམངས་སྲིད་གཞུང་གིས་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་ལག་ཁྱེར། ཁས་ལེན་ཡིག་ཆ་དང་དེ་བཞིན་གཞན་དག་ཡིག་ཐོག་སྙན་ཞུ་ལ་ཐོག་མའི་ཞིབ་བཤེར་བྱས་ནས་ཆ་རྐྱེན་དང་མཐུན་པ་དེ་ས་ཁོངས་གྱི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་དགོས། ས་ཁོངས་གྱི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་མཐའ་མའི་ཞིབ་བཤེར་གཏན་འབེབས་བྱེད་དགོས།
(༧)ལས་མཚམས་འཇོག་པའམ་ཡང་ན་ལས་མཚམས་འཇོག་ཏུ་བཅུག་པ་སོགས་ཀྱི་གཉེར་སྐྱོང་བྱེད་མཚམས་འཇོག་པའི་གནས་ཚུལ་ཐོན་པ། ལས་གཉེར་ཁང་གི་བདག་པོས་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་བཅུག་པ། ཞིབ་བཤེར་དངོས་བྱས་པ་རྒྱུད་ལོ་གཅིག་ནང་འགྲུལ་པས་ཐེར་འདོན་ཞུ་གཏུག་བྱས་པའི་ཁྱིམ་ཚང་མགྲོན་ཁང་ཡིན་ཚེ་ལོ་འདི་གའི་བྱ་དགའི་སྲིད་ཇུས་རེ་ཞུ་བྱེད་མི་ཆོག། ཁྱིམ་ཚང་མགྲོན་ཁང་གིས་གཉེར་སྐྱོང་གི་བརྗོད་དོན་གཙོ་བོའི་འགྱུར་ལྡོག་ལ་གཞིགས་ནས་རེ་ཞུ་བསྐྱར་མ་བྱེད་མི་ཆོག་པ་དང་གཉེར་སྐྱོང་པས་རེ་ཞུའི་དཔྱད་གཞིའི་བདེན་པའི་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་འགན་འཁུར་དགོས།
第二十四条 市级文化和旅游主管部门充分运用官方媒体平台,做好林芝市家庭旅馆品牌营销推介,提升家庭旅馆品牌知名度和影响力。
དོན་ཚན་ཉེར་བཞི་པ། གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་གཞུང་ཕྱོགས་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་གི་སྤུས་རྟགས་ཚོང་གཉེར་འོས་སྦྱོར་ཡག་པོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གི་མིང་གྲགས་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།
第二十五条 市级文化和旅游主管部门每年应举办不少于一次的家庭旅馆经营管理和服务技能提升等方面的培训。
དོན་ཚན་ཉེར་ལྔ་པ། གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ལོ་རེར་ཐེངས་གཅིག་ལས་མི་ཉུང་བའི་ཁྱིམ་ཚང་མགྲོན་ཁང་གི་བདག་གཉེར་དོ་དམ་དང་ཞབས་ཞུའི་ནུས་རྩལ་མཐོར་འདེགས་སོགས་ཀྱི་གསོ་སྦྱོང་སྤེལ་དགོས།
第七章 责任追究
ལེའུ་བདུན་པ། འགན་འཁྲི་བདའ་འདེད།
第二十六条 家庭旅馆有下列行为的,旅游、发改、市场监管、公安、消防、应急管理、卫健、税务等相关部门按照相关法律法规给予处罚,情节严重的移送司法机关。
(一)对所提供的服务范围、内容、标准等作虚假宣传的;
(二)未按规定明码标价的;
(三)侵害游客隐私权的;
(四)以不当方式招揽游客的;
(五)未按规定进行实名登记的;
(六)强行向游客推销产品的;
(七)违反传染病防治相关法律法规的;
(八)其他损害旅游者合法权益的。
དོན་ཚན་ཉེར་དྲུག་པ། ཁྱིམ་ཚང་མགྲོན་ཁང་ལ་གཤམ་གསལ་གྱི་བྱ་སྤྱོད་ཡོད་ཚེ་ཡུལ་སྐོར། འཕེལ་སྒྱུར། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་བདེ། མེ་ཟོན།འཕྲལ་སྡོམ་དོ་དམ། འཕྲོད་བསྟེན་བདེ་ཐང་། ཁྲལ་དོན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་པ་གཅོད་རྒྱུ་དང་གནས་ཚུལ་ཚབས་ཆེ་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན།
(༡)མཁོ་འདོན་བྱས་པའི་ཞབས་ཞུའི་ཁྱབ་ཁོངས་དང་། ནང་དོན། ཚད་གཞི་སོགས་དྲིལ་བསྒྲགས་རྫུན་མ་བྱས་རིགས།
(༢)གཏན་འབེབས་ལྟར་རིན་གོང་གསལ་པོར་བཀོད་མེད་པའི་རིགས།
(༣)འགྲུལ་པའི་གསང་དོན་ལ་གནོད་འཚེ་གཏོང་བ།
(༤)ཚུལ་མིན་གྱི་བྱེད་སྟངས་ཐོག་ནས་འགྲུལ་པ་རག་ཐབས་བྱས་རིགས།
(༥)གཏན་འབེབས་ལྟར་དངོས་མིང་ཐོ་འགོད་མ་བྱས་པ།
(༦)བཙན་ཤེད་ཀྱིས་ཡུལ་སྐོར་བར་ཐོན་རྫས་འགྲེམ་འཚོང་བྱས་པ།
(༧)རིམས་ནད་འགོག་སེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ།
(༨)དེ་མིན་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ།
第二十七条 家庭旅馆有下列行为的,由属地文化和旅游主管部门核实后勒令其退出星级评定或取消其星级,并向市级文化和旅游主管部门备案。取消星级后,三年内不得申请星级评定。
(一)存在相关违法违规行为;
(二)出现卫生、消防、安全等责任事故;
(三)发生重大有效投诉;
(四)发生造成恶劣社会影响的其他事件;
(五)日常运营管理不符合相应等级要求。
དོན་ཚན་ཉེར་བདུན་པ། ཁྱིམ་ཚང་མགྲོན་ཁང་ལ་གཤམ་གསལ་གྱི་བྱ་སྤྱོད་ཡོད་ཚེ་ས་ཁོངས་དེ་གའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཞིབ་དཔྱད་བྱས་རྗེས་སྐར་རིམ་ཞིབ་དཔྱད་བསྡུར་་གཏན་འབེབས་སམ་ཡང་ན་དེའི་སྐར་མ་རིམ་པ་མེད་པ་བཟོ་རྒྱུའི་བཀའ་གཏོང་དགོས་པ་མ་ཟད་གྲོང་ཁྱེར་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས། སྐར་རིམ་མེད་པར་བཟོས་རྗེས་ལོ་གསུམ་ནང་ཚུན་དུ་སྐར་རིམ་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་རེ་འདུན་ཞུས་མི་ཆོག
(༡)འབྲེལ་ཡོད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཡོད་པ།
(༢)འཕྲོད་བསྟེན། མེ་ཟོན། བདེ་འཇགས་སོགས་ཀྱི་འགན་འཁྲིའི་ལས་འཛོལ་ཐོན་པ།
(༣) ནུས་པ་ལྡན་པའི་ཞུ་གཏུག་གལ་ཆེན་བྱུང་བ།
(༤)སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པའི་དོན་རྐྱེན་གཞན་དག་ཐོན་པ།
(༥)རྒྱུན་ལྡན་གྱི་གཉེར་སྐྱོང་དོ་དམ་ཐད་སྐར་རིམ་གྱི་བླང་བྱ་དང་མི་མཐུན་པ།
第二十八条 旅游者与家庭旅馆经营者及其从业人员发生争议或者合法权益受到侵害时,可向属地文化和旅游主管部门进行投诉。属地文化和旅游主管部门应对投诉内容进行调查并作出公平公正处理,对侵犯旅游者合法权益的责成经营者给予赔偿,同时保护经营者的合法权益。其它行政主管部门接到相关投诉的,应根据职责及时受理处置。
དོན་ཚན་ཉེར་བརྒྱད་པ། ཡུལ་སྐོར་བ་དང་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་མཁན། དེའི་ལས་གཉེར་མི་སྣར་རྩོད་གླེང་དྱུང་བའམ་ཡང་ན་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་ཕོག་པར་ས་ཁོངས་དེ་གའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་ཞུ་གཏུག་བྱས་ཆོག ས་ཁོངས་དེ་གའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱི་ཞུ་གཏུག་གི་ནང་དོན་ལ་བརྟག་དཔྱད་བྱ་དགོས་པ་མ་ཟད། འདྲ་མཉམ་དྲང་གཞག་གིས་ཐག་གཅོད་བྱ་དགོས། ཡུལ་སྐོར་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་བཙན་གནོད་བྱས་པའི་འགན་དཀྲི་གཉེར་སྐྱོང་མཁན་གྱིས་ཚབ་སྤྲོས་དགོས། དུས་མཚུངས་གཉེར་སྐྱོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། སྲིད་འཛིན་གཙོ་གཉེར་སྡེ་ཚན་གཞན་དག་ལ་འབྲེལ་ཡོད་ཞུ་གཏུག་འབྱོར་ཚེ་འགན་འཁྲིར་གཞིག་ནས་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱེད་དགོས།
第二十九条 虚报资料骗取家庭旅馆发展扶持奖励资金的,一经查实取消申报资格,收回奖励资金并追究相关责任。
དོན་ཚན་ཉེར་དགུ་པ། དཔྱད་གཞིའི་ཡིག་ཆ་ཕུལ་ནས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱ་དགའི་མ་དངུལ་གཡོ་ལེན་བྱས་རིགས་ལ་རེ་ཞུའི་ཐོབ་ཐང་མེད་པ་བཟོ་བ་དང་བྱ་དགའི་མ་དངུལ་བསྡུ་བ་དང་འབྲེལ་ཡོད་འགན་འཁྲི་བདའ་འདེད་བྱེད་དགོས།
第八章 附则
ལེའུ་བརྒྱད་པ། ཞར་བྱུང།
第三十条 超出本办法规定范围的住宿业单位,参照国家、自治区和林芝市相关法律法规规定,依法取得经营资质,不适用本办法。
དོན་ཚན་སུམ་ཅུ་པ། བྱེད་ཐབས་འདིའི་གཏན་འབེབས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་ཞག་སྡོད་ལས་རིགས་ཚན་པས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས་། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་ཁྲིམས་ལྟར་གཉེར་སྐྱོང་ཐོབ་ཐང་རག་ཐབས་བྱེད་པར་བྱ་ཐབས་འདི་སྤྱོད་མི་རུང་།
第三十一条 本办法如与国家法律法规和上级有关政策不一致的,以国家法律法规和上级有关政策为准。
དོན་ཚན་སོ་གཅིག་པ། བྱེད་ཐབས་འདི་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། གོང་རིམ་གྱི་འབྲེལ་ཡོད་སྲིད་ཇུས་གཅིག་མཐུན་མིན་ཚེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། གོང་རིམ་གྱི་འབྲེལ་ཡོད་སྲིད་ཇུསཚད་གཞིར་འཛིན་དགོས།
第三十二条 本办法中涉及机构改革的部门,职权有变动的,由职权承接部门继续履行。
དོན་ཚན་སོ་གཉིས་པ། བྱེད་ཐབས་འདིའི་ནང་སྒྲིག་གཞི་བསྒྱུར་བཅོས་དང་འབྲེལ་བ་ཡོད་པའི་སྡེ་ཁག་གི་འགན་དབང་ལ་འགྱུར་བ་བྱུང་ན་འགན་དབང་ཡོད་པའི་སྡེ་ཁག་གིས་མུ་མཐུད་ལག་བསྟར་བྱ་དགོས།
第三十三条 本办法由林芝市文化和旅游局负责解释。
དོན་ཚན་སོ་གསུམ་པ། བྱེད་ཐབས་འདི་ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་འགན་འཁུར་ནས་འགྲེལ་བཤད་རྒྱག་རྒྱུ་ཡིན།
第三十四条 本办法自2024年9月1日起在试点乡镇(村)施行,有效期为1年。同时,《林芝市家庭旅馆管理办法》(林政发〔2018〕57号)废止。
དོན་ཚན་སོ་བཞི་པ། བྱེད་ཐབས་འདི་༢༠༢༤ལོའི་ཟླ་༩ཚེས་༡ཉིན་ནས་བཟུང་ཚོད་ལྟའི་ཤང་དང་གྲོང་རྡལ་)གྲོང་ཚོ(དུ་ལག་བསྟར་བྱ་རྒྱུ་དང་། གོ་ཆོད་དུས་ཡུན་ལོ་༡ཡིན། དེ་དང་ཆབས་ཅིག་《ཉིང་ཁྲི་གྲོང་ཁྱེར་ཁྱིམ་ཚང་མགྲོན་ཁང་དོ་དམ་བྱ་ཐབས(ཉིང་སྲིད་༢༠༡༨ལོའི་ཡིག་ཨང་༥༧པ་རྩིས་མེད་གཏོང་རྒྱུ་ཡིན།
各县(区、市)试点乡镇(村)汇总名单 |
|
||||
序号 |
县(区、市) |
试点乡镇 |
家庭旅馆数量(家) |
试点村 |
|
1 |
工布江达县ཀོང་པོ་རྒྱ་མདའ།
|
错高乡 མཚོ་འགོ་ཤང་། |
60 |
全部 ཚང་མ། |
|
2 |
波密县 སྤོ་བོ་ེརྫོང་།
|
扎木镇 ཁྲབ་རྨོག་གྲོང་རྡལ། |
66 |
全部 ཚང་མ། |
|
古乡 རྒུ་ཤང་། |
29 |
古村、巴卡村、雪瓦卡村、松绕村、索通村 རྒུ་ཤང་། རྦ་ཁ། བཤོལ་བ་ལ་ཁ།ཟོམ་ར།སོ་ཐང་བཅས་གྲོང་ཚོ། |
|
||
3 |
米林市 市སྨན་གླི་གྲོང་ཁྱེར།
|
派镇 派镇ལད་གྲོང་རྡལ། |
46 |
全部 ཚང་མ། |
|
4 |
巴宜区བྲག་ཡིབ་ཆུས།
|
鲁朗 གླུ་ནང་། |
42 |
扎西岗村 བཀྲི་ཤིས་སྒང་གྲོང་ཚོ། |
|
5 |
察隅县 རྫ་ཡུལ་རྫོང་།
|
察瓦龙乡 ཚ་བ་རོང་ཤང་། |
13 |
阿丙村 ལྔ་པ་གྲོང་ཚོ། |
|
6
|
朗县 སྣང་་རྫོང་།
|
洞嘎镇 གདུང་དཀར་གྲོང་རྡལ། |
8 |
卓村 དཀྲོག་གྲོང་ཚོ། |
|
朗镇 སྣང་་གྲོང་རྡལ། |
4 |
冲康村 འཁྲུངས་ཁང་གྲོང་ཚོ། |
|
||
7 |
墨脱县 མེ་ཏོག་རྫོང་། |
背崩乡 འབྲས་སྤུངས་ཤང་། |
7 |
格林村 དགྱེ་གླིང་གྲོང་ཚོ། |
|
8 |
合计 ཁྱོན་བསྡོམས་ |
275 |
全部 ཚང་མ། |
|